设为首页
加入收藏
联系我们
藏传佛教圣地,格鲁派六大寺院之一,全国重点文物保护单位,5A级旅游景区。

塔尔寺 ༄༅ །། སྐུ་འབུམ་དགོན་པའི་མཚམས་སྦྱོར་མདོར་བསྡུས།

当前位置:首页 >塔尔寺 > 塔尔寺 ༄༅ །། སྐུ་འབུམ་དགོན་པའི་མཚམས་སྦྱོར་མདོར་བསྡུས།

 

 

塔尔寺,藏文名称“古本贤巴林”—十万佛像弥勒洲,藏传佛教的著名圣地,格鲁派六大寺院之一,因最初修建宗喀巴大师纪念塔,而后逐渐建成寺院,故得名“塔尔寺”,因“第二佛陀、文殊菩萨化身”宗喀巴大师诞生地而被称为 “第二蓝毗尼园”,塔尔寺坐落在青藏高原东北部的宗喀地区—青海省西宁市西南二十五公里处的湟中县鲁沙尔镇形似八瓣莲花山中,塔始建於公元1379年,1560年建成“佛、法、僧”三宝俱全的寺院,几经扩建,始具规模。鼎盛时期住寺僧众达3600名,活佛80位,现有僧众800多名。占地面积143公顷,殿堂52座,僧舍及各类建筑1万余间,文物10万余件, 1961年被国务院公布为第一批国家重点文物保护单位,2015年荣膺国家5A级旅游景区。

塔尔寺是藏传佛教格鲁派创始人宗喀巴大师的诞生地,是庄严的佛教圣地和道场,它以悠久的历史和在藏传佛教界的崇高地位享誉海内外。塔尔寺是珍贵的民族文化遗产,它以博大精深的佛教文化,造型精美的佛像造型,辉煌而独特的建筑风格,浩如烟海的古籍藏书,丰富而珍贵的文物收藏,独具一格的“艺术三绝”,以及僧众们独特的修行方法,吸引着世界各地的信众和游客前来朝圣瞻礼、观光揽胜。

 

༄༅ །།སྐུ་འབུམ་བྱམས་པ་གླིང་ནི་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་དགོན་ཆེན་དྲུག་གི་ཡ་གྱལ་དང་།  རི་བོ་དགེ་ལྡན་པའི་བསྟན་པའི་སྲོལ་འབྱེད༧རྗེ་ཙོང་ཁ་བ་ཆེན་པོའི་འཁྲུངས་གནས་དང་རྒྱལ་ཁབ་ཀྱི་རིག་དངོས་སྲུང་སྐྱོབ་གལ་ཆེན་སྡེ་ཁག་ཀྱང་ཡིན།  སྐུ་འབུམ་བྱམས་པ་གླིང་དུ་གྲྭ་ཚང་བཞི་ཡོད་དེ།  དཔལ་ལྡན་བཤད་སྒྲུབ་གླིང་དང་།   གསང་སྔགས་བདེ་ཆེན་གླིང་།   གསོ་རིག་དར་རྒྱས་གླིང་།  རིགས་ལྡན་བློ་གསལ་གླིང་བཅས་ཡོད། དེ་ཡང་།  དཔལ་ལྡན་བཤད་སྒྲུབ་གླིང་ངམ་མཚན་ཉིད་གྲྭ་ཚང་གི་སྦྱང་བྱ་ནི་མཛོད་འདུལ་དབུ་ཕར་སོགས་གཞུང་བཀའ་པོད་ལྔ་ལ་ཐོས་བསམ་སྒོམ་གསུམ་བྱེད་པ་དང་ཞོར་དུ་བོད་ཀྱི་རིག་གནས་ཆེ་ཆུང་གང་ལའང་སྦྱོང་བ་མཐར་ཕྱིན་པར་བྱེད་པའོ།།     གསང་སྔགས་བདེ་ཆེན་གླིང་ངམ་རྒྱུད་པ་གྲྭ་ཚང་ནི་ཐོག་མར་དཔལ་ལྡན་བཤད་སྒྲུབ་གླིང་སོགས་ནས་གཞུང་བཀའ་པོད་ལྔར་སྦྱངས་བ་མཐར་ཕྱིན་གནང་སྟེ་ཐུན་  མོང་ཕར་ཕྱིན་ཐེག་པ་ལ་ལེགས་པར་བསླབས།   དེ་ནས་རྒྱུད་གྲྭར་འབྲས་བུ་རྡོ་རྗེ་  ཐེག་པའི་མན་ངག་མཐར་ཐུག་གི་གཞུང་རྣམས་ལ་འཆད་ཉན་གྱིས་གསང་སྔགས་  སྒྲས་ཟིན་ཙམ་མ་ཡིན་པར་གཞུང་ཚིག་གི་ངེས་དོན་གྱི་སྙིང་བོ་ལ་སྒྲོ་འདོགས་ལེགས་པར་བཅད་དེ་རྒྱུད་སྡེ་རྒྱ་མཚོའི་སྙིང་བོ་ཉམས་བཞེས་གནང་གི་ཡོད།  གསོ་རིག་དར་རྒྱས་གླིང་ངམ་སྨན་པ་གྲྭ་ཚང་གི་སྦྱང་བྱ་གཙོ་བོ་ནི་བདུད་རྩི་སྙིང་བོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་དཔལ་ལྡན་རྒྱུད་བཞིའི་གཞུང་ལ་ཐོས་བསམ་དང་ལག་ལེན་བྱེད་པ།  ནད་ཀྱི་གཞི་རྟགས་གསོ་གསུམ་དང་།  སྨན་པའི་རྒྱུད་དྲུག་སོགས་སྨན་པའི་ཀུན་སྤྱོད།   སྨན་རྫས་ངོས་འཛིན་དང་འདུལ་སྦྱོང་སྦྱོར་ལུགས་སོགས་ལག་ལེན་བཅོ་བརྒྱད་ལག་བསྟར་བྱེད་པ།  རྒྱུད་བཞིའི་རྩ་འགྲེལ་ཆེ་ཆུང་ཁག་དང་ཞོར་དུ་རྒྱ་དཀར་ནག་གི་གསོ་རིག་ལའང་དཔེ་གཟིགས་བྱེད་པ།  ཆོས་སྤྱོད་རྒྱུད་སྡེའི་ཕྱོགས་ལའང་ཉམས་ལེན་གནང་བཞིན་ཡོད།  རིགས་ལྡན་བློ་གསལ་གླིང་ངམ་དུས་འཁོར་གྲྭ་ཚང་ནི་གཙོ་བོ་གསང་སྔགས་བླ་མེད་ཀྱི་གཞུང་སྟེ་དཔལ་དུས་ཀྱི་འཁོར་ལོའི་འཁོར་ལོ་གསུམ་གྱི་དགོངས་པར་ཐོས་བསམ་དང་།   ཕྱི་དུས་ཀྱི་འཁོར་ལོ་རྟོགས་པ་ལ་རི་མོའི་ལམ་ནས་རི་རབ་ཁང་ཁྱིམ་དང་ཉི་ཟླ་རྒྱུ་སྐར་སོགས་ཀྱི་གྲུབ་ལུགས་ནས་གཞན་དུས་ཀྱི་འཁོར་ལོའི་དགོངས་པར་ཉམས་ལེན་གནང་བཞིན་ཡོད།

 

Located in an eight-petal lotus-like col in Lushaer Town of Huangzhong County which is 25 kilometers south of Xining, the capital of Qinghai Province, Kumbum Monastery is one of the six major monasteries of the Gelug School of Tibetan Buddhism. At the same time, Kumbum Monastery is the birth place of Lama Tsongkhapa who is the founder of the Gelug School (also known as the Commandment-First School).

In the year 1357 (the 17th year under the reign of Emperor Zhizheng of Yuan Dynasty), Lama Tsongkhapa was born in the current Grand Golden Tower of the Grand Golden Tiled Hall. In the year 1397 (the 12th year under the reign of Emperor Hongwu of Ming Dynasty), the mother of Lama Tsongkhapa, according to what the Lama said in his letter, built a close-lotus-like memorial tower around the uncommon bodhi trees with 100,000 leaves each of which has a statue of roaring lion, with the help of the five tribes nearby. Later, the memorial tower develops into the current Grand Silver Tower after continuous reconstructions and redecorations. The Grand Golden Tower, 12.5 meters high, is plated with gold and decorated with various jewelries. Believers revere this tower as much as they respect Lama Tsongkhapa. In the year 1560 (the 39th year under the reign of Emperor Jiajing of Ming Dynasty), Retreatant Renqin Zongzhe Gyaltsen constructed a small temple on the south mountain foot of the Tower. In the year 1583 (the 11th year under the reign of Emperor Wanli of Ming Dynasty), Sonam Gyatso, the 3rd Dalailama, visited Qinghai and resided in Kumbum Monastery. He asked Renqin Zongzhe Gyaltsen to put up a Maitreya Buddha Hall to the right of the Tower. After the Maitreya Buddha Hall was completed, all Buddhist activities of the Kumbum Monastery were held in the Hall. The Monastery was named "Kumbum" (which means the Maitreya Temple of 100,000 roaring-lion Buddhas). The Kumbum Monastery is a valuable cultural heritage of China. On March 4, 1961, the State Council listed it into the first batch of historical and cultural relics under state protection.

The Kumbum Monastery is also a renowned tourism destination in China. The centuries-old history, unique buildings, flourishing barbola, exquisite wall paintings, reputed butter flowers, vivid Buddha statues, magnificent decorations, numerous art treasures, special lifestyles of the monks, as well as the extensive and profound connotations of the Buddhism, all have left unforgettable memories on visitors from home and abroad.

 

 


塔尔寺管委会版权所有  未经授权禁止复制  青ICP备06001065号
电话:0971-2232357 传真:0971-2234317 Email:tibet@kumbum.org
Copyright (c)2010-2015 kumbum All rights Reserred